ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ། >> འཕྲིན་གསར། >> ཕྲ་མཉེན་སྤྱི་གཉེར་ཁང་གིས་ཁྱེད་ཀྱི IE6 དེ་ཚེ་ཚད་རྫོགས་ཟིན་པས་མྱུར་དུ་སྤོངས་རོགས་ཅེས་བཤད་པ།

ཕྲ་མཉེན་སྤྱི་གཉེར་ཁང་གིས་ཁྱེད་ཀྱི IE6 དེ་ཚེ་ཚད་རྫོགས་ཟིན་པས་མྱུར་དུ་སྤོངས་རོགས་ཅེས་བཤད་པ།

[རྩོམ་གྱི་ཡོང་ཁུངས། བོད་ཀྱི་བརྡ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། གླིང་སྨྱོན།] [སྤེལ་དུས། 2010-05-20] [ཀློག་གྲངས། ]

        ཕྲ་མཉེན་སྤྱི་གཉེར་གྱིས་སྔ་མོ་ནས IE6 དེའི་ཚེ་ཚད་རྫོགས་ཟིན་པ་དང་ཉེན་ཁ་ཅན་གྱི IE6 དེ་མུ་མཐུད་དུ་བཀོལ་སྤྱོད་མི་བྱེད་པའི་ཁ་ཏ་བྱས་ཡོད་ནའང་དེའི་ཁྲོམ་རའི་ཟིན་ཚད་ད་དུང་ཡང་སྔར་བཞིན་མཐོ་བ་རེད། ལྷག་པར་དུ་རང་རེའི་རྒྱལ་ནང་དུ་མཚོན་ན་མངོན་གསལ་དོད་པོ་ཞིག་ཡིན། དེར་བརྟེན་ཕྲ་མཉེན་ཨོ་སི་ཁྲུ་ལི་ཡའི་དཔོན་ཕྱོགས་དྲ་ཚིགས་སུ་དཔེ་མཚོན་རང་བཞིན་ལྡན་པའི་གསལ་འདེབས་བྱེད་སྟངས་འདི་འདྲ་ཞིག་ཐོན་འདུག་པ་སྟེ། དུས་ལས་ཡོལ་བའི་འོ་མར་དཔེ་བླངས་ནས IE6 དེ་རྙིང་བ་ཡིན་པ་དང་དུས་ལས་ཡོལ་བར་བཤད་ཡོད།


ཕྲ་མཉེན་གྱིས་ཁྱེད་ཀྱི IE6 དེ་ལོ 9 འགོར་སོང་ཟེར།

        དྲ་ངོས་དེར་བསྟན་དོན་ནི། IE6ནི་སྤྱི་ལོ2001ལོར་བཀོལ་སྤྱོད་བྱས་པ་ནས་བཟུང་། སྐབས་ཐོག་དེར་མཚོན་ན་ཤིན་ཏུ་བདེ་འཇགས་ཅན་གྱི་དྲ་ངོས་གཟིགས་ཆས་ཡིན་མོད། དབྱིན་ཐེར་དྲ་བ་འཕེལ་རྒྱས་བྱུང་ནས་ད་ལྟར་སླེབས་པ་ན། IE6 ནི་རྒས་འཁོགས་སུ་གྱུར་ཡོད་པ་མ་ཟད་དུས་ལས་ཡོལ་ཟིན་པས་ན། ལག་རྩལ་གསར་བའི་འགྲོས་དང་བསྟུན་ནས་འཕེལ་རྒྱས་བྱུང་བའི IE8 དེ་སྤྱད་ན་ད་གཟོད་བདེ་འཇགས་ཡིན་པ་དེ་རེད།

        གོང་གི་དཔེ་རིས་ཁྲོད་དམར་ཐིག་བརྒྱབ་ཡོད་པ་དེའི་ནང་དུ་བསྟན་དོན། NSSཚོད་ལྟ་ཁང་གི་གཞི་གྲངས་ལས་གསལ་བ་ནི། IE8ཡི་བྱེད་ནུས་དང་ལྡན་པའི་ངང་དྲ་འབུ་འགོག་ཚད་དེ 85%ལ་སླེབས་ཡོད་པ་དང་། Firefox3.Xནི29%ཡིན་པ། Safari4.Xནི29%ཡིན་པ། Chomeནི17%ཡིན་པ་བཅས་རེད། (རྗེས་ཀྱི་དེ་གསུམ་པོས་གཞི་གྲངས་དེ་ངོ་མ་ཞིག་ཡིན་མིན་ལ་དོགས་པ་ཟ་བཞིན་ཡོད)

        ཕྲ་མཉེན་ཨོ་སི་ཁྲུ་ལི་ཡའི་དཔོན་ཕྱོགས་དྲ་ངོས་སུ་གཟིགས་འདོད་ན་འདིར་བསྐྱོད་ཆོག http://www.microsoft.com/australia/technet/ie8milk
 

藏文信息技术网
ངེད་དྲ་བའི་སྐད་འཕྲིན་ཁ་བྱང་ནི། Tibetitw

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
©2007-2013 Tibetitw.com - མདུན་ཤོག - གཙོ་ངོས། - ངེད་ཀྱི་སྐོར། - འབྲེལ་གཏུགས་བྱེད་ཚུལ། -