སྤྱི་ལོ༢༠༠༧ལོའི་ཟླ༧ཚེས༡༤ཉིན་བོད་ཀྱིITདྲ་བ་དངོས་སུ་ཤར་གཏོང་བྱས་པ་རེད། དེ་ཡང་བོད་ཀྱིITདྲ་བ་དེ་ནི་དེང་རབས་སྔོན་ཐོན་གྱི་ལག་རྩལ་དང་ཧི་མ་ལ་ཡ་བོད་ཡིག་གཟུགས་གཉིས་ཟུང་འབྲེལ་སྒོས་བཟོས་བའི་བོད་ཡིག་གི་ཆ་འཕྲིན་ལག་རྩལ་གྱི་དྲ་བ་ཞིག་རེད།
དྲ་བ་འདི་ནི་བོད་ཀྱི་ན་གཞོན་འགས་སྒྲུབ་པའི་སྒེར་གཉེར་དྲ་ཚིགས་ཞིག་ཡིན་ལ་བོད་རང་གི་ཆ་འཕྲིན་ལག་རྩལ་ཐད་ལ་སྔར་མེད་ཀྱི་སྐུལ་འདེད་སྒོས་རྣམ་པ་གསར་བའི་ལམ་དུ་བསྐྱོད་པར་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་ཡོད།
