དྲ་ཚིགས་འདིའི་ངོ་བོ།
དྲ་ཚིགས་འདི་ནི་དྲ་ངོས་ཀྱི་ཚིག་མཛོད་གཏོས་ཆེན་པོ་ཞིག་ཡིན་པ་མ་ཟད། སུས་ཀྱང་ཁ་སྐོང་དང་ཁ་སྣོན་བྱས་ཆོག་ཅིང་མུ་ནས་མུར་རྒྱ་བསྐྱེད་ཐུབ་པའི་རང་དབང་གི་ཚིག་མཛོད་ཅིག་ཡིན། གཞན་རྩྭ་ཀུ་ཤའི་རྩེ་མོ་མ་འདྲེས་པ་ལྟར་དུ་ནང་དོན་ཕུན་སུམ་ཚོགས་པ་དང་པར་ངོས་གཅིག་གྱུར་གྱིས་འབྲེལ་ཡོད་ཀྱི་ཤེས་བྱ་སོ་སོར་མིག་སྟོན་བྱས་ནས་རིག་པ་དོན་གཉེར་མཁན་ལ་དཔེ་ཆར་ལྟ་བ་ལྟ་བུའི་ནུས་པ་འདོན་ཐུབ།
དྲ་ཚིགས་འདིའི་སྐོར་གྱི་མིག་སྔའི་གནས་ཚུལ།
ཤེས་བྱ་ཀུན་འདུས་ཀྱི་དྲ་ཚིགས་འདིའི་སྐོར་ནི་རིགས་གཞུང་གི་ཁྱད་ཆོས་འབུར་དུ་ཐོན་ལ་ཁྱད་པར་དུ་ཤེས་བྱ་འོས་སྦྱོར་དང་གསོག་ཉར་ལ་སྨན། དབྱིན་ཡིག་དང་རྒྱ་ཡིག་ལ་མཚོན་ན་དེའི་སྐོར་གྱི་དྲ་ཚིགས་ཆེན་པོ་ཡོད་པ་མ་ཟད་རྒྱ་ཆེར་སྤྱད་དང་སྤྱོད་བཞིན་ཡོད་མོད་འོན་ཀྱང་བོད་ཡིག་སྨྲ་བ་དག་ལ་དུས་རབས་དང་མཐུན་པའི་དེ་འདྲའི་ ཆ་རྐྱེན་འཛོམས་པོ་ལྡན་མེད། ལར་འཛམ་གླིང་ཝེ་ཀུའི་ཤེས་བྱ་ཀུན་འདུས་དྲ་རྒྱར་བོད་ཡིག་ལས་གཞི་ཞིག་གཞོགས་སུ་དགར་ནས་འཛུགས་སྐྲུན་གྱི་རྨང་ཙམ་བཏིངས་ཡོད་མོད། འོན་ཀྱང་དེའི་བོད་ཡིག་གི་མ་ལག་ཁ་ཚང་བ་ཞིག་མིན་ལ་དྲ་གནས་ཀྱི་ཞབས་ཞུའི་འཕྲུལ་ཆས་ཐག་རིང་དུ་ཡོད་རྐྱེན་བཅར་འདྲི་བྱས་ཚེ་ཧ་ཅང་དལ། དེ་ལས་གཞན་དེའི་ནང་དུ་ཆབ་སྲིད་དང་ འགལ་བའི་ནང་དོན་ཡོད་པས་དྲ་ཚིགས་དེ་མགོ་ཚུགས་པ་ནས་བཟུང་སྲིད་གཞུང་གིས་བཀག་སྡོམ་བྱས་ནས་ད་རག་བར་དུ་བཅར་འདྲི་བྱ་ཐབས་བྲལ། ཤེས་བྱ་ཀུན་འདུས་རིགས་ཅན་གྱི་དྲ་ཚིགས་ནི་རོལ་རྩེད་གཙོ་བོ་ཡིན་པའི་དྲ་ཚིགས་དང་བསྡུར་ན་དོ་སྣང་བྱེད་མཁན་ཉུང་ལ་ལས་ཚེགས་ལྕི་བ་དང་ཁེ་སྤོགས་གཉེར་བྱ་གཙོ་བོ་མིན་པས་སྤྱིར་བཏང་གི་མི་སྒེར་དང་ལས་ཁུངས་ཀྱིས་འདིའི་ཅན་གྱི་ཤེས་བྱ་ཀུན་འདུས་ཀྱི་དྲ་ཚིགས་ལ་དོ་སྣང་མི་བྱེད།
རྡོ་འབུམ་ཤེས་བྱ་ཀུན་འདུས་དྲ་བར་བཅར་འདྲི་བྱེད་པ། www.dobum.org
