ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - བོད་ཀྱི་བརྡ་འཕྲིན་ལག་རྩལ་དྲ་བ། >> འཕྲིན་གསར། >> རོ་མ་ནི་ཡའི་སྲིད་འཛིན་གྱིས་ཀའེ་སི་ལ་མཉེན་ཆས་རྫུན་མ་བཀོལ་ན་ལེགས་ཞེས་བཤད།

རོ་མ་ནི་ཡའི་སྲིད་འཛིན་གྱིས་ཀའེ་སི་ལ་མཉེན་ཆས་རྫུན་མ་བཀོལ་ན་ལེགས་ཞེས་བཤད།

[རྩོམ་གྱི་ཡོང་ཁུངས། བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བ།] [རྩོམ་པ་པོ། bumpagyal] [སྤེལ་དུས། 2010-04-12] [ཀློག་གྲངས། ]

    གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཞིག་གི་སྟེང་དུ། རོ་མ་ནི་ཡའི་སྲིད་འཛིན་ཐེ་ལ་དབྱང •ཕ་སའེ་སི་ཁུའུ་ཡིས་ཀའེ་སི་མདུན་ནས་མཉེན་ཆས་རྫུན་མ་བེད་སྤྱོད་བྱེད་པར་བསྟོད་བསྔགས་བྱས་པས་དེར་ཡོད་ཀྱི་མི་རྣམས་ལ་ཧ་ལས་པར་བྱས།

    རོ་མ་ནི་ཡའི་རྒྱལ་ས་པུ་ཅ་ལིག་སི་ཐེ་ནསMicrosoftཡི་ཆེས་གསར་པའི་འཛམ་གླིང་ལག་རྩལ་ལྟེ་གནས་གསར་འཛུགས་བྱས་པའི་མཛད་སྒོ་སྟེང་། ཆེད་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཞིག་བཀོད་སྒྲིག་བྱས་པ་དང་ཕ་སའེ་སི་ཁུའུ་དང་ཀའེ་སི་རྣམ་གཉིས་ཀྱང་ཚོགས་ཐོག་ཏུ་ཞུགས་པ་རེད། ཚོགས་ཐོག་ཏུ་ཕ་སའེ་སི་ཁུའུ་ཡིས་གཏམ་བཤད་སྤེལ་དུས། “མཉེན་ཆས་རྫུན་མས་ན་གཞོན་རྣམས་ལ་རྩིས་འཁོར་ཤེས་རྟོགས་བྱུང་དུ་བཅུག་པ་མ་ཟད། རོ་མ་ནི་ཡའིITཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད ”ཅེས་བཤད་པ་དང་། ལྷག་པར་དུ་མཉེན་ཆས་རྫུན་མ་བཀོལ་རྒྱ་ཆེ་བའི་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཞིག་གིས་འདི་ལྟར་བཤད་པ་ལ་ཀའེ་སི་ཧང་སངས་པར་གྱུར་བ་དང་འདིའི་ཐད་ལ་དཕྱད་གཏམ་ཅི་ཡང་སྤེལ་རྒྱུ་མེད་པར་གྱུར།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
©2007-2011 Tibetitw.com - མདུན་ཤོག - ངེད་ཀྱི་སྐོར། - འབྲེལ་གཏུགས་བྱེད་ཚུལ། -